༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > སློབ་གསོ། > 3 སློབ་གྲྭའི་སློབ་གསོ།
3 སློབ་གྲྭའི་སློབ་གསོ།
《གསུང་རབ་སྒོ་མཛོད་རིན་པོ་ཆེ་གླེགས་བམ་》ཞལ་འདེབས་ཕུལ་བའི་མཛད་སྒོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2018-05-19] [རྩོམ་པ་པོ།:སོར་བསྟན་གྱིས་བསྡུས།] [གཟིགས་ཐེངས:]

 ༄༅།། འོད་ཟེར་སྦྱིན་པ་རིན་པོ་ཆེས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་ལ《གསུང་རབ་སྒོ་མཛོད་རིན་པོ་ཆེ་གླེགས་བམ་》ཞལ་འདེབས་ཕུལ་བའི་མཛད་སྒོ།

QQ图片20180519230213.jpg

     ༢༠༡༨/༥པའི་ཚེས་༡༨ཉིན་པེ་ཅིང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕེབས་ཤིང་དེ་གས་བཀོད་བསྒྲིགས་བཞིན། ཀྲུང་ཧྭ་བོད་ཀྱི་རིག་མཛོད་ཆེན་མོར་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་དག་བསྒྲིགས་མཛད་པས། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་མམ་རྒྱལ་བའི་བཀའ་རིན་པོ་ཆེ་ཞལ་འདེབས་ཕུལ་བའི་མཛད་སྒོ་རྒྱས་འཚོགས་གནང་ཞིང་། ཀྲུང་ཧྭ་བོད་ཀྱི་རིག་མཛོད་ཆེན་མོའི་དབུ་འཛིན་བསམ་གཏན་ལགས་དང་廉湘民ཡིས་མཛད་སྒོའི་ནང་དོན་དང་འབྲེལ་བའི་ཀྲུང་ཧྭ་བོད་ཀྱི་རིག་མཛོད་ཆེན་མོའི་ངོ་སྤྲོད་དང་གསུང་བཤད་གནང་། མཚམས་དེར་སྐྱབས་རྗེ་བླ་མ་མཆོག་གིས་ཀྱང་ལོ་མང་རིང་ཧུར་བརྩོན་གྱིས་དཔེ་ཚོགས་འདི་ཉིད་དག་བསྒྲིགས་སྐོར་གྱི་རྒྱུད་རིམ་དང་། དེ་བཞིན་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གྱི་དགེ་མཚན་དང་ཁྱད་བོན་སོགས་ངོ་སྤྲོད་མཛད་པ་མ་ཟད། དགེ་རྒན་ཆེན་མོ་བ་ངག་དབང་རྒྱ་མཚོ་མཆོག་གིས་ཀྱང་བོན་གྱི་རིག་གནས་དང་འབྲེལ་གསུང་རབ་སྒོ་མཛོད་རིན་པོ་ཆེ་གླེགས་བམ་གྱི་ནང་དོན་སྐོར་ནས་ངོ་སྤྲོད་མཛད།

QQ图片20180519230204.jpg 

QQ图片20180519230141.jpg

         སྤྱི་ཁྱབ་ཀན་ཧྲི་གཞོན་པ་ལེན་ཞང་མིང་གིས་འོད་ཟེར་སྦྱིན་པ་མཆོག་ལ་ཞལ་འདེབས་ཕུལ་བའི་དཔང་ཡིག་སྤྲད་པ་མ་ཟད་དྲན་རྟེན་དངོས་རྫས་བསྩལ་བ།QQ图片20180519230242.jpg

QQ图片20180519230231.jpg

QQ图片20180519230209.jpg

 དཔེ་མཛོད་ཁང་གི་མགོ་གཙོ་བསམ་གཏན་ཚེ་རིང་ནས་ཞལ་འདེབས་ཕུལ་བ་དང་ལེན་ཞུ་བ་མ་ཟད་། འོད་ཟེར་སྦྱིན་པ་མཆོག་ལ་ཁ་བཏགས་ཕུལ་ནས་ཐུགས་རྗེ་ཆེ་ཞུས། 

QQ图片20180519230159.jpg

    མཇུག་ཏུ་ཀྲུང་ཧྭ་བོད་ཀྱི་རིག་མཛོད་ཆེན་མོའི་དབུ་འཛིན་རྣམ་པའི་ཞལ་འདེབས་ཀྱི་བཀའ་དྲིན་ལེགས་གསོལ་དང་ཕྱག་རྟགས་ཀྱང་གནང་ཞིང་། གསུང་རབ་འདི་དག་ནི་རྨང་གཞི་དང་དཔྱད་ཡིག་གྲུབ་འབྲས་སོགས་ཀྲུང་ཧྭ་རིག་མཛོད་ཆེན་མོར་མཚོན་ན་དགེ་མཚན་དུ་མ་ལྡན་པ་མ་ཟད། བླ་མ་མཆོག་གི་མཛད་ཕྲིན་དང་སྙིང་སྟོབས་སྤོབས་པ་སོགས་ལ་བསྟོད་བསྔགས་དང་ལེགས་སྐྱེས་གཟེངས་རྟགས་གནང་ཞིང་མཛད་སྒོར་མཉམ་འཛོམས་ཀྱི་དྲན་རྟེན་སྐུ་པར་བསྐྱོན་ནས་བཀྲ་ཤིས་བདེ་ལེགས་ངང་མཇུག་སྒྲིལ་བའོ།། 

QQ图片20180519230236.jpg

ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ།

སོར་བསྟན་གྱིས་བསྡུས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།