༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 13
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > སློབ་གསོ། > 1 སྤྱི་ཚོགས་སློབ་གསོ།
1 སྤྱི་ཚོགས་སློབ་གསོ།
ཁོར་ཡུག་སྲུང་སྐྱོབས་སྐོར།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-04] [རྩོམ་པ་པོ།:སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས།] [གཟིགས་ཐེངས:]

     QQ图片20170604113214.jpg

    གསུངས་མཁན་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས།


     ད་སྐབས་ནི་སྔར་དང་མི་འདྲ་བ།  འཛམ་གླིང་སྤྱི་ལ་འགྱུར་ལྡོག་ཆེན་པོ།  གསུམ་བྱུང་ཡོད་དེ།   གཅིག་ནས་དཔལ་འབྱོར་འཕེལ་རྒྱས་དང་།   གཉིས་ནས་མི་འབོར་གྲངས་མང་བ།  གསུམ་ནས་ཁོར་ཡུག་གཏོར་སྐྱོན་  རྒྱ་ཆེན་བྱས་པའི་རྐྱེན་གྱིས་ད་ལྟ་འཛམ་གླིང་ཐོག་  ལོ་རེ་བཞིན་བཟློག་དཀའ་བའི་  ས་ཆུ་མེ་རླུང་གི་གནོད་འཚེ་དང་  མཐོང་དཀོན་པའི་ནད་མུག་མཚོན་འཁྲུགས་ཀྱི་  འཇིགས་དངངས་ཇེ་ཆེར་འགྲོ་བཞིན་ཡོད་པའི་  རྒྱུ་མཚན་གྱིས་ད་སྐབས་འཛམ་གླིང་ཐོག་གི་  ཚན་རིག་མཁས་ཅན་དང་འགོ་ཁྲིད་མི་གྲག་སོགས་  མི་མཐོ་དམན་ཀུན་གྱིས་སེམས་ཁུར་དང་  བཤད་རྒྱུ་གཙོ་བོར་གྱུར་ཡོད།   ད་ནི་ང་ཚོ་ཚང་མས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་དེ་  ཕྱི་སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་ནམ་མཁའ་  འདི་དག་ལ་སྦག་བཙོག་གཏོར་བརླག་བྱས་ན།   ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་  ཤ་ཁྲག་དྲོད་དབུགས་རྣམ་ཤེས་དེ་དག་ལ་  སྦག་བཙོག་དང་གཏོར་བརླག་བྱས་པ་དང་  ཁྱད་པར་མེད་དེ།  ཕྱི་ཡི་གནམ་གཤིས་ཚ་གྲང་འགྱུར་ལྡོག་གིས་  ནང་གི་རང་ལུས་ལའང་བདེ་སྡུག་  སྣ་ཚོགས་འོང་བ་འདི་ནི།      ཕྱི་འབྱུང་ནང་འབྱུང་གཉིས་གཅིག་ལ་གཅིག་བརྟེན་གྱི་  འབྲེལ་བ་གྲུབ་པའི་རྟགས་ཡང་དག་ཡིན་ཏེ།  དཔེར་ན་རྒན་རྒོན་ཚོས་ང་ཡི་པུས་མོ་འདི་  གནམ་གཤིས་སྔོན་བརྡའི་ལས་ཁུངས་ལས་  ཡག་པ་ཡིན་ཟེར་བ་ལྟར་རོ།  །རང་བྱུང་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་འཕེལ་འགྲིབ་ཀྱིས།     འབྱུང་བཞི་འདི་དག་ལ་འཕེལ་འགྲིབ་འགྱུར་བ་  སྔོན་འབྱུང་ལོ་རྒྱུས་དང་ད་ལྟའི་ཚན་རིག་གིས་    ར་སྤྲོད་བྱས་ཡོད་པ་མ་ཚད། སྣོད་བཅུད་གཉིས་ཀ་འཕེལ་འགྲིབ་དང་མང་ཉུང་  གང་ཡང་མེད་པ་རྒྱ་མ་བཞིན་  དོ་མཉམ་ངང་གནས་དགོས་པ་བཤད་ཡོད།    རྒྱུ་མཚན་དེ་དག་གི་ཕྱིར་ན།    ཁོར་ཡུག་སྣོད་བཅུད་སྲུང་སྐྱོབ་བྱེད་པའི་ཆེད་དུ་  ང་ཚོའི་ཆོས་ལུགས་རིགས་གནས་ཡུལ་སྲོལ་       གོམ་གཤིས་ནང་སྲོག་ཆགས་ཚེ་ཐར་དང་།  རི་ཚེ་ཐར། ཞིང་ཚེ་ཐར།  ཤིང་ཚེ་ཐར་གཏོང་བ་དང་།   དེ་བཞིན་ཀླུང་རྟ།  ཆུ་གཏོར། ཚྭ་ཚྭ། བསང་མཆོད།  སྦྱིན་བསྲེག  བུམ་གཏེར། གཏོར་མ་སོགས་སྔགས་དང་ཕྱག་རྒྱ།  རྫས་དང་ཚིག་བཤད་ཏིང་འཛིན་སོགས་  རྒྱུ་རྐྱེན་ཕུན་སུམས་ཚོགས་པས་  འབྱུང་བཞི་ཁོར་ཡུག་ཉམས་གསོ་དག་གཙང་བཟོ་ཐབས་སྟོན་པ་  སངས་རྒྱས་གཤེན་རབ་མི་བོས་གསུངས་པ་བཞིན་  ལག་ལེན་ཅི་ཐུབ་བྱས་ན་ཉེ་རིང་མ་གཏོགས།  རང་ལུས་ལ་འཕྲོད་བསྟེན་བྱས་པ་དང་ཁྱད་མེད་པ་ཡིན།    དེ་བཞིན་ང་ཚོས་གནམ་ལ་ལྷ།    ཆུ་ལ་ཀླུ།  ས་ལ་ས་བདག   ཤིང་ལ་གཉེན།   རྡོ་ལ་གཏོད་གནས་ཡོད་པར་ལྟ་བ་མ་ཚད་  སེམས་ཅན་ཐམས་ཅད་  རང་གི་སྐྱེ་བ་སྔོན་གྱི་ཕ་མ་ཡིན་པ་ལྟ་བ་དང་།   དེ་ཚོའི་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་  རང་དང་གཅིག་མཚུངས་ཡིན་པར་འཛིན་པ་དང་།   དེ་དག་ལ་གནོད་འཚེ་བྱས་ན་ལས་རྒྱུ་འབྲས་འཁོར་བར་  རང་མི་བདེ་བ་འཛིན་པའི་ལྟ་བ་དེས།     བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་  དེ་སྔོན་བྱས་རྗེས་ཆེན་པོ་བཞག་ཡོད་པས།   ང་ཚོའི་ལུགས་སྲོལ་བཟང་པོ་དེ་དག་  མ་ཉམས་པ་རྒྱུད་འཛིན་དང་དར་སྤེལ་བྱ་དགོས།    གང་ཡིན་ཟེར་ན།   དེང་སྐབས་འཛམ་བུ་གླིང་གི་  མཁས་དབང་རྣམས་ཀྱིས་བོད་ནི།  ས་གོ་ལའི་སྟེང་གི་འབག་བཙོག་གིས་མ་བསླད་པའི་  མཐའ་མཇུག་གི་དག་ཞིང་ཞིག་ཡིན།     ཞེས་ཡིད་སྨོན་ཤོར་ཞིང་འགྲམ་ཆུ་ལྡང་སྟེ་  འཛམ་གླིང་མི་དྲག་རྣམས་  ཡུལ་སྐོར་སྤྲོ་འཁྱམས་འགྲོ་སའི་ལྟེ་བར་གྱུར་ཡོད།    ད་ནི་སྔར་དང་མི་འདྲ་བར་ཚང་མ་བསམ་བློ་བཅིངས་གྲོལ་ཐུབ་ནས་  ལྷ་ཀླུ་གཉེན་གསུམ་ཡོད་པ་བཤད་ན་དེ་དག་ནི་    རྨོངས་དད་ཀྱི་མགོ་སྐོར་འོག་ཏུ་ཚུད་པར་བལྟ་སྟེ།   སྤང་ལྗོང་སློག་ནས་ཞིང་སར་བསྒྱུར།   ནགས་ཚལ་བཅད་དེ་འཛུགས་བསྐྲུན་བྱེད།  གཏེར་ཁ་འབྲུ་ནས་དཔལ་འབྱོར་སྤེལ།    རི་དགས་བསད་ནས་ཤ་པགས་སྤྱོད།    སྒོ་ཟོག་བཤས་ནས་དགེ་བ་བསྒྲུབ།    གོ་ལུད་བསྲེགས་ནས་དག་གཙང་བཟོ།   མི་གཙང་བཤལ་ནས་གཙང་སྦྲ་བྱེད།  རྡོ་སོལ་འབུད་ནས་ཟས་གོས་གཉེར་བ་སོགས་  གནས་སྐབས་སྟབས་བདེ་གྱུར་ཡོད་ནའང་།    ཁོར་ཡུག་གཏོར་བརླག་ཟེར་བ་ནི་འདི་འདྲ་ཡིན་ཏེ།    མཁའ་རླུང་བཙོག་བསྒྱུར་ག་ཚད་ཆེ་ན་  ཉི་མའི་ཚ་དྲོད་དེ་ཙམ་ཆེ།   ཚ་དྲོད་ག་ཚད་ཆེ་ན་གངས་རི་དེ་ཙམ་ཆུང་། གངས་རི་ག་ཚད་ཆུང་ན་ཆར་ཆུ་དེ་ཙམ་ཉུང་།  ཆར་ཆུ་ཅི་ཙམ་ཉུང་ན་སྐྱེ་དངོས་དེ་ཙམ་དཀོན།  སྐྱེ་དངོས་དཀོན་རིམ་བཞིན་དུ་  ནད་མུག་ཇེ་མང་འགྲོ་བ་ཡིན།  ད་ལྟ་དར་རྒྱས་ཆེ་བའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་  ཁ་ཤས་ནང་སྦག་བཙོག་གིས་མ་བསླད་པའི་མཁའ་དབུགས་  གཙང་མ་ཁ་གང་རྔུབ་རྒྱུ་དང་ཆུ་གཙང་མ་ཕོར་པ་གང་   འཐུང་རྒྱུ་རྙེད་པ་དཀོན་ཟེར་བ་དང་།  དེ་བཞིན་སྔོན་དབྱིན་ཇིས་ཚན་རིག་འཕྲུལ་ཆས་  ཐོག་མར་བེད་སྤྱོད་སྐབས་  ཁོང་ཚོའི་ས་ཁོངས་སུ་  སྤྱང་ཀི་གཅིག་ཀྱང་མེད་པ་བསད་མཐར།  སྤྱང་ཀིའི་གནོད་པ་ལས་ལྡབ་བཅུ་ཕྲག་གིས་ཆེ་བའི་  སྲོག་ཆགས་དེ་སྔོན་མཐོང་མ་མྱོང་བ་ཞིག་བྱུང་བར་  ཚན་རིག་མཁས་ཅན་ཚོས་  ལོ་ཤས་བརྟགས་ཅིང་དཔྱད་པའི་འབྲས་བུར་  སྤྱང་ཀི་མེད་པའི་གནོད་པ་ལས་བྱུང་བ་ཤེས་པས་  རྒྱལ་ཁབ་གཞན་ནས་སྤྱང་ཀི་རེར་  སྒོར་ཁྲི་ཕྲག་མང་པོ་སྤྲད་དེ་ཉོས་རྗེས་  རིམ་པ་དང་པོའི་སྲོག་ཆགས་སྡེ་ཚན་དུ་བཙུད་ནས་  སྲུང་སྐྱོབ་བྱས་པ་ལྟ་བུ་ཡིན་པས།   སྣོད་བཅུད་ཞི་བདེ་དང་འཆམ་མཐུན་   ཡོང་བར་སྤྱང་ཀི་དགོས་ན།   ཟོག་ར་ལུག་རྟ་དྲེལ་རྣམས་ལོས་དགོས།  ང་ཚོ་བོད་མི་རིགས་འདིའི་འཚོ་གོས་ཀྱི་བརྟེན་ས་  འབྲོག་པའི་ནོར་ལུག་སེམས་ཅན། ཞིང་པའི་ས་ཞིང་སོ་ནམ་འདི་དག་ཡིན་ཀྱང་།ཁ་སང་དེ་རིང་དབྱར་རྩྭ་དགུན་འབུའི་  དྲིན་ལ་བརྟེན་ནས།  མི་དཔོན་ལ་འགྱུར།   ཞིང་སྤང་ལ་འགྱུར།  ཟོག་འབུ་ལ་འགྱུར་།  རྟ་ལྕགས་ལ་འགྱུར་། གོས་འགྱིག་ལ་འགྱུར།   ཟས་རྫས་ལ་འགྱུར།  ཆོས་ཚོང་ལ་འགྱུར་ཏེ་ཡག་པོ་བྱུང་སྣང་ཤར་ན་ཡང་།  དོན་དངོས་ཐོག་རང་བྱུང་ཁམས་ཀྱི་  འཚོ་བཅུད་ལ་སྤྱོད་པ་ལས་ལྷག་པ་ཞིག་མེད་དེ་  ཕ་མེས་ཚོས་ལོ་ངོ་ཁྲི་མ་འབུམ་ལ་བསགས་པའི་  ཉམས་མྱོང་ངམ་འཚོ་བ་རོལ་སྟངས་དེར་  ང་ཚོའི་མི་རབས་འདིའི་རིང་ལ་སྟོང་དུ་བཅུག་ན་  ཅི་འདྲའི་ཕངས་ལ་ནམ་ཞིག་འགྱོད་གདུང་  དྲག་པོས་མནར་བའི་དུས་ཤིག་ཡོང་ངེས་ཡིན་པས།  ཚང་མས་ས་ཞིང་དང་ནོར་ལུག་འཚོ་སྐྱོང་  བྱ་རྒྱུར་དོ་སྣང་ཆེ་ཙམ་བྱེད་དགོས། གང་ཡིན་ཟེར་ན།ང་ཚོས་ལོ་ལྟར་གཡང་སྒྲུབ་བྱེད་དེ་   ཁ་ནས་རྟ་ནོར་ར་ལུག་དང་  གྲོ་ནས་སྲན་གསུམ་སོགས་ཀྱི་གཡང་ཤོག་ཟེར་ནས།  དོན་ལ་གཡང་གི་ར་བ་སྒོ་བཞི་གཏོར་ཏེ་  ཟོག་ལུག་སེམས་ཅན་ཚང་མ་བཤའ་གཙོང་བྱས་ཏེ་  བསྡད་ན་སྨྱོན་པ་མ་ཡིན་ནམ།  ཡང་ན་མཁས་པ་ཞིག་ལ་གཡང་རྫས་ལ་  འགྱིག་ཤོག་དང་ལྕགས་འཛེར།  གཡང་གཏོར་ལ་སྦག་སྦག་དང་ལྕགས་ཟོ།  གཡང་སྒྲུབ་ནང་མེ་འཁོར་དང་གནམ་གྲུ་སོགས་   འཕྲུལ་ཆས་སྣ་ཚོགས་ཡོད་པའི་  གཡང་སྒྲུབ་གསར་པ་ཞིག་བརྩོམ་རོག་  ཞུ་དགོས་ས་རེད་ཧ་ཧ། 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།