༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 24
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ལ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2018-05-19] [རྩོམ་པ་པོ།:སོ་ཐར་གྱིས་བསྡུས།] [གཟིགས་ཐེངས:]

    ༢༠༡༨/༥པའི་ཚེས་༡༩ཉིན་ཞོགས་པ་ཕྱག་ཚོད་༨དང་སྐར་༢༠ཐོག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་ཁང་ཆེན་མོར། རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཤིང་། 

QQ图片20180520171955.jpg

     འཚོགས་འདུ་ཐོག་ཏུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་དང་།  ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཨམ་ཆས་ཡས་དང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ།  ལྷག་པ་ཕུན་ཚོགས།  དེ་བཞིན་པེ་ཅིང་དང་རྒྱལ་ཡོངས་ཞིང་ཆེན་ཁག་ནས་ཕེབས་པའི་དབུ་ཁྲིད་དང་འབུམ་རམས་པ་དང་།  དགེ་རྒན་ཆེན་མོ་བ་དང་སློབ་དཔོན་ཆེན་མོ་བ་སོགས་མཁས་མང་མཉམ་འཛོམས་ཐོག  དབུ་ཁྲིད་རྣམས་པས་རིམ་བཞིན་ཏང་དང་རྒྱལ་ཁབ་ཀྱི་ཀྲུང་གོའི་བོད་ཀྱི་ལས་དོན་གཟིགས་ཕྱོགས་ལ་མཐོང་ཆེན་དང་།  དེ་བཞིན་ཀྲུང་ཧྭ་བོད་ཡིག་རིག་མཛོད་ཆེན་མོ་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་སོགས་ལ་གཟིགས་སྐྱོང་བླ་ན་མེད་པ་མཛད་ཚུལ་གསུང་བཤད་རྒྱས་པར་གནང་བ་དང་།

2.jpg

     དེ་རྗེས་སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྤྲད་རྒྱུའི་དབུ་ཚུགས་ཀྱི་མཛད་སྒོ་དང་སྦྲག  ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་དང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཨམ་ཆས་ཡས།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་སོགས་ཀྱིས།  ཇོ་མོ་གླང་མའི་བྱ་དགའི་ངོ་བོ་བརྒྱུད་རིམ་དེ་བཞིན་རིན་ཐང་སོགས་གསལ་བཤད་མཛད་ཅིང་རིམ་བཞིན་བྱ་དགའི་རྣམ་གྲངས་དང་བྱ་དགའ་ཐོབ་མཁན་གྱི་ཚོགས་མི་སོགས་ཀྱང་གསལ་བསྒྲགས་བྱས།

QQ图片20180520193122.jpg

སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་དྲན་རྟེན་མཉམ་པར་བསྐྱོན་པ།

QQ图片20180520193144.jpg

5.jpg

སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་རིམ་པ་གཉིས་པ་ཐོབ་མཁན་དྲན་རྟེན་མཉམ་པར་བསྐྱོན་པ།

QQ图片20180520193050.jpg

8.jpg

QQ图片20180520172001.jpg

QQ图片20180520171928.jpg

9.jpg

    དེ་རྗེས་རིམ་གྱིས་བྱ་དགའ་རྣམས་སྤྲོད་སྐབས། དཔོན་གསས་བླ་མ་རྒྱ་མཚོ་ནོར་བུ་འམ་འོད་ཟེར་སྦྱིན་པ་རིན་པོ་ཆེ་མཆོག་ལ་ཡང་། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་གྲངས་ ༡༥༠ ཅན་ལ་རྨང་གཞིའི་དཔྱད་གཞི་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་ཚོགས་མི་ཡོངས་ཀྱིས་ཀྱང་ཐལ་མོའི་སྒྲ་དང་བཅས་དགའ་བསུ་ཀྱང་གྲངས་མེད་ཞུས།

0.jpg

4.jpg 

སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་རིམ་པ་གསུམ་པ་ཐོབ་མཁན་དྲན་རྟེན་མཉམ་པར་བསྐྱོན་པ།


        ཟླ་ ༥ པའི་ཚེས ༢༠ ཉིན་ཕྱི་དྲོར་ཚོགས་ཆུང་སོ་སོའི་གྲོས་མོལ་འཚོགས་འདུའི་འཇུག་བསྡོམ་དང་གཞན་བཀའ་བརྟེན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ་སྒོ་འབྱེད་མཛད་སྒོ་དང་དེ་འབྲེལ་གྱི་ངོ་སྤྲོད་གསུང་བཤད་རྒྱས་པར་གྲུབ་མཚམས་སྐབས་བཞི་པའི་རྒྱལ་ཡོངས་བོད་ཀྱི་རིག་གནས་ལས་དོན་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་བའོ།།

6.jpg

ཞེས་སྐྱབས་རྗེ་དཔོན་གསས་བླ་མའི་ཉེ་དུས་ཀྱི་མཛད་ཕྲིན་གནད་བསྡུས་འདི་གསལ་བཤད་ཀྱིས་ཚུལ་དུ་གུས་དགེ་མིང་པ་སོ་ཐར་གྱིས་བསྡུས།
༢༠༡༨/༥/༢༠ ཉིན།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།