༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭའི་གསང་སྔགས་འཛིན་གྲྭས་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་མཛད་པ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2018-07-13] [རྩོམ་པ་པོ།:ཁྲ་སྣང་དགའ།] [གཟིགས་ཐེངས:]

QQ图片20180713124115.jpg

ཐེག་ཆེན་ཟབ་མོ་འགྲོ་ལ་གདམས་མཛད་པའི།།
འཛམ་གླིང་རྒྱན་དྲུག་མཁས་པ་མི་བཞི་དང་།།
ཞང་བོད་མཁས་པའི་གཙུག་རྒྱན་གཤེན་རབ་རྣམས།།
དུས་ཀུན་མཆོད་པའི་ཡུལ་དུ་གསལ་འགྱུར་ཅིག

QQ图片20180713124130.jpg

ཕྱག་འཚལ་བའི་རྣམ་པ།

QQ图片20180713124139.jpg 

     བོད་ས་ཁྱི་ལོའི་སྤྱི་ལོ་༢༠༡༨/ ༧/༣་ཉིན་འགོ་བཟུང་སྟེ་ཁྱུང་པོ་སྟེང་ཆེན་དགོན་གྱི་གསང་སྔགས་འཛིན་གྲྭའི་སློབ་མ་རྣམས་ཀྱིས་རྒྱལ་བ་སྨན་རི་ཚང་གི་ཕྱག་སྲོལ་ཇི་བཞིན་དབྱར་དུས་གུང་གསེང་དང་སྟབ་བསྟུན་ཏེ་རིམ་བཞིན་སྔོན་འགྲོ་འབུམ་དགུ་ལས་ཕྱག་འཚལ་བ་དང་མནྜལ་འབུལ་བ་བཅས་ནས་འགོ་བཟུང་སྟེ་ཟླ་བ་གཅིག་གི་རིང་ལ་ཐུན་བཞི་བགོས་ནས་ལུས་ངག་ཡིད་གསུམ་གྱིས་ཚོགས་བསགས་ཚུལ་བཞིན་མཛད་ཅིང་། འབྱུང་འགྱུར་གྱི་ལོ་ནང་འཕོ་བ་དང་ཐུན་སྒོམ་གྱི་ཉམས་ལེན་ལ་འབད་དགོས་ཚུལ་གྱི་སློབ་དཔོན་མཆོག་གི་བཀའ་གསུང་ལྟར་གསང་སྔགས་འཛིན་གྲྭའི་སློབ་མ་རྣམས་ཀྱིས་སྔ་ཐུན་གཉིས་ལ་ཕྱག་འཚལ་ཞིང་ཕྱི་ཐུན་གཉིས་ལ་མཎྜལ་འབུལ་བཞིན་དམ་པ་གོང་མས་གདམས་དོན་ལྟར་བོན་ཐོས་པ་ཙམ་གྱིས་མི་ཆོག་པར་ཐོས་དོན་རྒྱུད་ལ་སྦྱར་རྒྱུ་གལ་གནད་ཅན་དུ་གསུངས་པ་ལྟར་ཉམས་རྟོགས་སྐྱེ་བའི་ཐབས་ལ་འབད་བརྩོན་གནང་བཞིན་བཅས།།

QQ图片20180713124122.jpg

ཐོས་བསམ་སྣང་བ་རྒྱས་པའི་མཁས་པ་དང་།།
ཟུར་ཟ་ཆགས་སྡང་མོད་པའི་དམན་རིགས་ལ།།
ངལ་སྐུལ་མི་འོས་གཞོན་ནུ་བློ་གསལ་རྣམས།།
ཡིད་སྨོན་འཛུམ་ཞལ་ཉམས་ཀྱིས་གཟིགས་མོར་མཛོད།།

QQ图片20180713124143.jpg

མཎྜལ་འབུལ་བའི་རྣམ་པ།

QQ图片20180713124134.jpg

༢༠༡༨/༧/༡༢ ཉིན་གནས་ཚུལ་འཁོ་འདོན་པ་ཁྲ་སྣང་དགའ།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།