༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 24
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 6 བཅར་འདྲི།
6 བཅར་འདྲི།
བོད་ལྗོངས་སྟེང་ཆེན་དུ་༼ ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པའི་༽ཚོགས་འདུ་ཡོངས་སུ་ལེགས་གྲུབ་བྱུང་བ།
[རྩོམ་ཁུངས།:ཁྱུང་པོ་དྲ་བ།] [ཟླ་ཚེས།:2018-08-10] [རྩོམ་པ་པོ།:ལྷ་ལྡོང་སེམས་དཔའ།] [གཟིགས་ཐེངས:]

QQ图片20180810235322.jpg

 微信图片_20180810224125.jpg

གསར་འགོད་པ་ལྷ་ལྡོང་སེམས་དཔའ།

           ༢༠ ༡༨ལོའི་བོད་ཟླ་༦པའི་ཚེས་༢༧དང་། སྤྱི་ཟླ་༨/༨ རེས་གཟའ་ལྷག་པ་ནས་——བོད་ཚེས་༢༩ སྤྱི་ཚེས་༡༠ རེས་གཟའ་པ་སངས་བར་ཉིན་གསུམ་གྱི་རིང་བོད་ལྗོངས་སྟེང་ཆེན་དུ་«ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པ»འི་ཚོགས་འདུ་འཚོགས་ནས་ཡོངས་སུ་མཇུག་བསྒྲིལ་བ།

QQ图片20180810231214.jpg

QQ图片20180810231230.jpg

           དེ་ཡང་རྫོང་ཨུད་ཧྲུའུ་ཅི་འཇིགས་མེད་དབང་འདུས་དང་། རྫོང་དཔོན་ལོའི་ཀོང་ཆན<罗广前>། རྫོང་དཔོན་གཞོན་པ་ཐེལ་བྷོ་ཚེ་རིང་།  རྫོང་རིག་གནས་ཅུས་ཀྱི་ཅུས་ཀྲང་བློ་གྲོས་རྒྱལ་མཚན་ལ་སོགས་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་བླ་ན་མེད་པ་དང་། དགེ་བཤེས་སྐལ་བཟང་ནོར་བུ་དབུས་པའི་ཁྱུང་རིག་གནས་དཔྱད་གླེང་གོ་སྒྲིག་ཚན་པས་གྲ་སྒྲིག་ཁྱད་འཕགས་བྱས་ནས་སྟེང་ཆེན་རྫོང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཉིན་དང་པོའི་ཆུ་ཚོད་༩:༠༠ཐོག་རྫོང་ཨུད་ཧྲུའུ་ཅི་འཇིགས་མེད་དབང་འདུས་མཆོག་ནས་«ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པ»འི་འགོ་འཛུགས་གསུང་བཤད་གནང་ནས་དངོས་སུ་འགོ་ཚུགས་ཞིང་། དེའི་ནང་དཔྱད་གླེང་མཁན་དབྲ་ཁྱུང་མཁན་པོ་སྐལ་བཟང་ནོར་བུ། རྒན་དོན་གྲུབ་ལྷ་རྒྱལ། རྒན་དཔལ་མཁར་རྒྱལ། རྒན་པ་སངས་དབང་འདུས། རྒན་ཚེ་རིང་འགྱུར་མེད། རྒན་ཀུན་དགའ་ཡེ་ཤེས། རྒན་ཚེ་རྒྱལ། རྒན་དབྱངས་དགའ། རྒན་བཞད་གཞུང་བསོད་ནམས། དགེན་ཐུབ་བསྟན་ཕུན་ཚོགས། རྒན་བསམ་དཀར་སྒྲོན་མ། རྒན་རྨུ་ཧྲི་ཧྭ<木仕华>། རྒན་རྒྱལ་མོ་འབྲུག་པ། རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་། རྒན་མགོན་པོ་རྡོ་རྗེ། རྒན་ཤར་པ་ཐོགས་མེད། རྒན་བསོད་ནམས་གཡུང་དྲུང་། རྒན་ཚེ་དབང་རིག་འཛིན། རྒན་གཡུང་དྲུང་བཀྲ་ཤིས། རྒན་ཁྱུང་པོ་དཔལ་རྒྱལ་<མཚན་རྣམས་གསུང་བཤད་གནང་བའི་གོ་རིམ་ལྟར་བསྒྲིགས>ལ་སོགས་བོད་རིག་པའི་ཞིབ་འཇུག་པ་༢༠ལྷག་ཙམ་གྱིས་ཁྱུང་དང་འབྲེལ་བའི་རིག་གཞུང་། ལོ་རྒྱུས། རི་མོ། དངོས་རྫས། གནའ་ཤུལ། བྲོ་གར།  མཁར་རྫོང་། མི་སྣ།  ས་གནས་སོགས་ཀྱི་སྐོར་ནས་དཔྱད་གླེང་ལྷུག་པོར་གནང་ཞིང་།  ཚོགས་ཞུགས་མི་སྣ་ཉིས་བརྒྱ་ལྷག་ལ་བློ་སྐྱེད་ཟབ་མོ་ཐོབ་པ་མ་ཟད་ལྟ་བ་གུ་ཡངས་ཀྱི་ཐོག་ནས་དྲི་བ་དྲིས་ལན་གང་མང་མང་གནང་སོང་། ད་དུང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་པ་དགེན་པ་སངས་དབང་འདུས་སོགས་ཀྱིས་རྫོང་རིམ་པའི་དཔྱད་གླེང་དུ་རྒྱལ་སྤྱི་རིམ་པའི་དཔྱད་གླེང་ལྟ་བུའི་གཟི་བརྗིད་དཔེ་མེད་གཅིག་བྱུང་སོང་གསུངས་ནས་བསྟོད་པ་མང་པོ་གནང་ནས། མཐའ་མཇུག་ཉིན་གསུམ་པའི་དུས་ཚོད་༡༢:༠༠ནང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་པ་ཤར་པ་ཐོགས་མེད་ལགས་ནས་«ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པ»འི་ཚོགས་འདུའི་ཕྱོགས་བསྡོམས་སྙན་ཞུ་གནང་བ་མ་ཟད། རྫོང་དཔོན་ལོའི་ཀོང་ཆན<罗广前>ལགས་ཀྱིས་མཇུག་བསྡུ་གཏམ་བཤད་སྤེལ་ནས་ཐུགས་དགྱེས་པ་ཆེན་མོའི་ངང་«ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པ»འི་ཚོགས་འདུ་ཡོངས་སུ་མཇུག་བསྒྲིལ་བའོ།།

微信图片_20180810224139.jpg

རྫོང་ཨུད་ཧྲུའུ་ཅི་འཇིགས་མེད་དབང་འདུས་ལགས་ཀྱིས་འགོ་འཛུགས་གསུང་བཤད་གནང་བཞིན་པ།

微信图片_20180810224145.jpg

ཚོགས་ཞུགས་མི་སྣས་གསུང་བཤད་ཉན་བཞིན་པ།

微信图片_20180810224150.jpg

微信图片_20180810224156.jpg

མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་དཔྱད་གླེང་གནང་བཞིན་པ།

微信图片_20180810224202.jpg

འཇང་རིགས་པ་མཁས་དབང་རྨུ་ཧྲི་ཧྭ་<木仕华>ལགས་ཀྱིས་དཔྱད་གླེང་གནང་བཞིན་པ།

微信图片_20180810224928.jpg

རིག་གནས་ཅུས་ཀྱི་ཅུས་ཀྲང་བློ་གྲོས་རྒྱལ་མཚན་ལགས་ཀྱིས་མདོ་འཛིན་བྱེད་བཞིན་པ།

QQ图片20180810231226.jpg

དགེ་བཤེས་སྐལ་བཟང་ནོར་བུ་མཆོག་ནས་དཔྱད་གླེང་གནང་བཞིན་པ།

QQ图片20180810234533.jpg

微信图片_20180810224941.jpg

微信图片_20180810230903.jpg

སྐབས་གཉིས་པའི་ཁྱུང་རིག་གནས་དཔྱད་གླེང་ཚོགས་འདུའི་ལས་རིམ་ཁག་གི་ཐོ།

微信图片_20180810230916.jpg

微信图片_20180810224946.jpg

ཚོགས་ཞུགས་མི་སྣས་དྲི་བ་འདོན་བཞིན་པ།

微信图片_20180810224951.jpg

微信图片_20180810224957.jpg

微信图片_20180810225005.jpg

微信图片_20180810225010.jpg

微信图片_20180810225016.jpg

微信图片_20180810225022.jpg

微信图片_20180810225028.jpg

微信图片_20180810225034.jpg

སྒོ་ཆེན་འགྲམ་དུ་མཁས་དབང་རྣམས་དང་ཚོགས་ཞུགས་ལྷན་རྒྱས་མཉམ་དུ་དྲན་རྟེན་སྐུ་པར་སྒྲོན་བཞིན་པ།


                     ༢༠༡༨/༨/༡༠ ཉིན་སེམས་དཔས་བཀོད་པའོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།