༄།། ལྷ་རིས་འགྲན་བསྡུར་གྱི་གཟེངས་བསྟོད་ཅིག་དང་
འབྲེལ་བའི་གཏམ་བཟང་གསར་པ།
ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ནང་ཚན་སྒོ་པའི་སྒོ་པ་སྟེ་སུམ་པའི་ལྟེ་བ་འདུ་གནས་ཁྱད་པར་ཅན། གསེར་ཉ་མཚོ་ལ་འཁྱིལ་འདྲ་སྟེ། ཁྱུང་པོ་ཆགས་པའི་གདན་སའི་སྟེང་། ལང་ཚོའི་འདབ་མ་རྣམ་པར་བཞད་པའི་གཞོན་ནུ་རི་མོ་བ་སྐལ་བཟང་ཉི་མ་ཁོང་ནི་ཐོག་མར་རང་ཁྱིམ་གྱི་འཚོ་གནས་ཀྱི་ཆེད་དུ་ངལ་རྩོལ་ལ་འབད་པ་བྱེད་བཞིན་འཚར་ལངས་བྱུང་བ་ཞིག་ཡིན། དེའི་ཕྱིས་སུ་སྟེ།
སྤྱི་ལོ་༢༠༠༦ ལོ་སྟེང་ཆེན་རྫོང་གིས་གཉེར་བའི་རི་མོའི་འཛིན་གྲྭར་ཞུགས་ཏེ། ལྷ་རིས་མཁས་དབང་ནོར་བུ་གཡུལ་རྒྱལ་དང་། ཁྲི་བཙུན་རབ་བརྟན་སོགས་དགེ་རྒན་དུ་བསྟེན་ནས་ཁོང་གིས་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་ལྷ་འབྲི་བའི་ཤེས་བྱ་མཐའ་དག་ལ་བརྩོན་འགྲུས་ལྷོད་མེད་ཀྱིས་སྦྱངས་པ་བྱས་ཡོད་པ་དང་། ལོ་ངོ་དེ་ཙམ་ལ་འབད་པ་ནང་བཞིན། རི་མོའི་ཤེས་བྱ་ལ་བྱང་ཆུབ་པ་བྱུང་ཡོད། ཉེར་གཅིག་པའི་དུས་རབས་ནི་ཤེས་ཡོན་འགྲན་རྩོད་ཀྱི་དུས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར་ཡིན་ལ། ལྷག་ཏུ་ད་ལོ་ན་ནིང་དབུས་ལྷ་ལྡན་ཉི་མའི་ཞིང་དུ་རྒྱལ་སྤྱི་བོད་རིག་པའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་གྱི་འགྲན་བསྡུར་སོགས་འགྲན་བསྡུར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པའི་ནང་དུ་ཁོང་རེ་བ་དང་ཡིད་ཆེས་ཀྱི་སྒོ་ནས་ཞུགས་ཡོད།
ཡང་སྒོས་སུ་ད་ཐེངས་ཀྱི་གླེང་བྱ་གཙོ་བོ་སྟེ། ༼ བོད་ལྗོངས་ཐང་གའི་འགྲེམ་ཚོགས་སྐབས་དགུ་པ་ ༽ ཡི་ཐང་ག་འགྲེམ་སྟོན་ཆེན་མོ་དེ། “རིག་གནས་གསར་གཏོད་ཀྱི་བོད་ལྗོངས། ཁྱད་ལྡན་རིག་གནས་ཐོན་ལས་གྱི་འདུ་ར།” ཞེས་པའི་བརྗོད་དོན་ཐོག་ནས་སྤེལ་ཡོད་པ་མ་ཟད། ས་ཕྱོགས་གང་ས་ནས་ཕེབས་པའི་འགྲན་ཞུགས་ཀྱི་ལྷ་བཟོ་ཚོས་ལྷའི་ཆ་ཚད་དང་། ཐིག་བཀོད་པ། བཅད་སྐྱ་རིས་ལ་སོགས་མདོར་ན་བཟོ་རིག་ལྷ་རིས་ཀྱི་གཞུང་དོན་ལག་ལེན་གཉིས་ཀའི་ཐོག་ནས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་དང་། དེ་བཞིན་དཔྱད་འདེམས་པ་མང་པོས་གཟིགས་ཞིབ་དང་སྐར་གྲངས་བརྒྱབ་པ་གཞིར་བཞག་སྟེ། སྐར་གྲངས་ཀྱི་གོ་རིམ་བཞིན་དུ། ཨང་རིམ་དང་པོ་དང་། ཨང་རིམ་གཉིས་པ། གསུམ་པ་བཅས་རིམ་པ་བཞིན་བྱུང་བར་གཟེངས་བསྟོད་སྤྲད་པའི་བྱེད་སྒོ་སྤྱི་ལོ་2019.10.30ཉིན་སྤེལ་ཡོད་པ་དང་།
ཨང་རིམ་དང་པོ།
དགེ་སློབ་མཉམ་པར།
ཨང་རིམ་གཉིས་པ།
ཨང་རིམ་གསུམ་པ།
ཨང་རིམ་གསུམ་པ།
དེ་དག་གི་ཁྲོད་དུ་ཤེས་དཔལ་རིག་གསུམ་གྱི་ཕ་ས་གཙོ་གྲས་སུ་གྱུར་པའི་ཁྱུང་པོ་སྟེང་ཆེན་གྱི་ལྷ་བཟོ་བཞི་ལ་རིམ་པ་མི་འདྲ་བའི་བྱ་དགའ་ཐོབ་ཡོད།། གསེར་ཉ་མཚོ་ལ་འཁྱིལ་འདྲའི་ཁྱུང་པོ་སྟེང་ཆེན་ཁའི་ལྷ་བཟོ་སྐལ་བཟང་ཉི་མ་ལ་ཨང་རིམ་པ་དང་པོ་ཐོབ་ཡོད། དེའི་ཕྱིར་ཁྱུང་ཕྲུག་ངའི་ཕ་ཡུལ་གཅིག་པའི་རི་མོ་བ་སྐལ་བཟང་ཉི་མ་ཁོང་གཙོས་པའི་ད་ཐེངས་ཁྱུང་པོ་བའི་རྒྱན་ཆ་ཁྱེད་རྣམ་པ་ལ་རྟེན་འབྲེལ་གྲངས་མེད་ཞུ་བའི་ཞོར་དུ་གཏང་བཟང་འདི་འཕྲིན་གྲོགས་ཡོངས་ལ་བསྒྲགས་པ་ཡིན་ནོ།། །།
གནས་ཚུལ་མཁོ་བསྡུ་བ། ཁྱུང་དཀར་སྟག་ཚ་ནས། ༢༠༡༩/༡༠/༣༠/ཉིན།