༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 1
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་ནག་དགོན་སྒོ་བཞི་མཛོད་ལྔའི་བཤད་སྒྲུབ་སློབ་གླིང་གི་སྐབས་གསུམ་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2019-11-19] [རྩོམ་པ་པོ།:ཁྱུང་བསོད་བློ།] [གཟིགས་ཐེངས:]


1574155299858186.jpg

           དེ་རིང་སྤྱི་ལོ་ ༢༠༡༩/༡༡/༡༩/ཉིན།  དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་སྒོ་བཞི་མཛོད་ལྔའི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམ་པས་སྦྱོང་འབྲས་གུས་རྟགས་ལེན་ཕྱིར་ལོ་ལྟར་གྱི་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཛད་སྒོ་ཆེན་མོ་དངོས་སུ་འཚོགས་སྲོལ་ཡོད་པ་ལྟར། དེ་རིང་ཁྱུང་ནག་དགོན་བཤད་སྒྲུབ་སློབ་གླིང་གི་སྐབས་གསུམ་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ་དངོས་སུ་སྤེལ་ཏེ། 

            སྤྱི་ལོ་༢༠༡༩/ཟླ་ ༡༡/ཚེས་༡༩/ཉིན་གྱི་ཞོགས་པ་ཉི་ཤར་བཀྲིས་པའི་དུས་སུ་ཁྱུང་ནག་དགོན་གྱི་མཁན་པོ་བསམ་གཏན་དགེ་ལེགས་དང་། མཁན་པོ་ཡེ་ཤེས་རབ་གསལ་རྣམ་གཉིས་གཙོས་པའི་བླ་མ་དགེ་བཤེས་མཁན་པོ་དགེ་རྒན་ཡོངས་རྫོགས་དབུ་རུ་བཞུགས་པའི་འོག་ཏུ།


1574155969168171.jpg

            བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་སོ་སོའི་ལོ་གཅིག་གི་སྦྱོང་ཚན་གང་ཡིན་པའི་གཞུང་ལུགས་དང་རིག་གནས་ཀྱི་རྒྱུགས་སྤྲོད་མཛད་སྒོ་ལ་དངོས་སུ་ཞུགས་ནས།

1574156036991806.jpg

          ཞོགས་པ་དུས་ཚོད/༩ / ནས་/ ༡༡ / བར་དུ་རྒྱུགས་ཤོག་ཐོག་ཏུ་བཀོད་པའི་གཞུང་ལུགས་སྐོར་གྱི་དྲི་བ་ཉི་ཤུ་ལྷག་རྒྱུགས་སྤྲོད་གཏོང་ནས་སློབ་གཉེར་བ་སོ་སོས་ནུས་པ་གང་ཡོད་ཀྱི་སྒོ་ནས་ལན་འགྲིགས་ཐག་ཆོད་བྲིས་ཡོད་པ་དང་།

1574156086683330.jpg

           སྔ་དྲོའི་དུས་ཚོད་༡༡/ནས་༡༢/བར་ལ་དྲོ་ཟས་བཞེས་པ་དང་།  དྲོ་གཞུང་དུས་ཚོད་༡༢/སྐར་མ་༣༠ ནས་དུས་ཚོད་/ ༢/ སྐར་/༣༠/བར་དུ་སློབ་གཉེར་བ་རྣམས་འཛིན་གྲྭ་སོ་སོའི་སྐབས་བབ་ཀྱི་སྦྱང་བྱ་རིག་གནས་རྒྱུགས་སྤྲོད་ལ་དངོས་སུ་ཞུགས་ཏེ་དཀའ་གནད་ཀྱི་དྲི་བ་དྲི་ལན་ཉི་ཤུ་ལྷག་ལ་སློབ་གཉེར་བ་སོ་སོས་རྣམ་དཔྱོད་ཀྱིས་ལན་གང་ལ་འཚམས་པར་བཏབ་ཡོད་པའོ།།  

           དེ་ཡི་མཚམས་སུ་མཁན་པོ་དགེ་བཤེས་རྣམས་ཀྱིས་སློབ་གཉེར་བ་ཚོ་ལ་སློབ་སྦྱོང་བྱེད་ཕྱོགས་སྐོར་ནས་བསླབ་བྱ་མི་ཉུང་བ་ཞིག་གསུངས་གནང་བ་དང་། དེ་ནས་འདུས་སྡེ་ཡོངས་ཀྱིས་བཤད་སྒྲུབ་བསྟན་པ་རྒྱས་པའི་སྨོན་ལམ་ཤུགས་སུ་དབྱངས་ནས། དེ་རིང་གི་སྐབས་གསུམ་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དེ་འགོ་བཀྲིས་ཤིང་མཇུག་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་གྲུབ་བྱུང་བའོ།།

དུག་ལྔ་རྒོད་པའི་ལྔ་སྙིགས་དུས་ཀྱི་མཐར།།
ཉུང་ཉུང་ལས་ལ་མང་མང་རྒྱབ་སྐྱོར་དཀོན།།
ཆུང་ཆུང་དོན་ལ་ཆེ་ཆེ་མི་དགྱེས་ཀྱང་།། 
གང་ནུས་འབྲས་བུ་གང་འཚམས་ལེགས་གྲུབ་བྱུང་།། 

སྤྱི་ལོ་༢༠༡༩/༡༡/༡༩/ཉིན་རྒྱུགས་སྤྲོད་ལེགས་གྲུབ་བྱུང་མ་ཐག་ཏུ་སྤེལ་བའོ།། 





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།