༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 6 ཚེས 6
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 5 འགྲེམས་སྤེལ།
5 འགྲེམས་སྤེལ།
སྒ་སྟོན་ཚུལ་རྒྱན་པའི་གསུང་འབུམ་དཔར་བསྐྲུན་ལེགས་གྲུབ་བྱུང་བ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-01-15] [རྩོམ་པ་པོ།:དགེ་རྣམ་དོན།] [གཟིགས་ཐེངས:]


11111.jpg

     ༧ ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་སྔར་རྒྱུན་བཞིན་གནའ་དཔེ་འཚོལ་བསྡུ་དང་ཞུ་དག  གློག་ཀླད་ཡིག་གཏག་སོགས་དཔེ་སྒྲིག་གི་ཕྱག་ལས་ཆུ་རྒྱུན་དལ་མེད་དུ་གནང་མུས་སུ་ལགས་ན། ད་ལན་ཡང་འདིར་བསྟན་པ་ཕྱི་དར་གྱི་སྐབས་སུ་བྱོན་པའི་བོན་གྱི་མདོ་སྔགས་གཞུང་ལུགས་དང་། བསྟན་འབྱུང་ལོ་རྒྱུས་བཅས་ལ་མཁྱེན་རྒྱ་མཁའ་ལྟར་ཡངས་པའི་མཁས་པ་ཆེན་པོ་སྒ་རིགས་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་རྩོམ་དེ་སྔོན་ཕྱོགས་བསྒྲིགས་བྱས་བཞག་པ་མེད་པའི་སྟོང་ཆ་སྐོང་ཆེད་དང་། བོན་གཞུང་ལོ་རྒྱུས་དང་བཅས་ལ་སློབ་སྦྱོང་བྱེད་མཁན་དག་གི་དཔྱད་གཟིགས་ཀྱི་ཆེད་དུ། 

3.jpg

    ཁོང་གི་གསུང་རྩོམ་གང་རྙེད་ཕྱོགས་གཅིག་ཏུ་བསྡུ་བསྒྲིགས་བྱས་པའི《སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ》ཞེས་པའི་གསུང་འབུམ་དེབ་གཟུགས་ཐེག་རིམ་གསལ་བྱེད་མེ་ལོང་སྟོད་ཆ་དང་སྨད་ཆ་གཉིས། མཛོད་ཀུན་བཏུས་རྩ་འགྲེལ་སྟོད་ཆ་དང་སྨད་ཆ་གཉིས། གཞི་ལམ་འབྲས་བུའི་རྩ་འགྲེལ་དེབ་གཅིག གསུང་དུམ་ལེའུ་ཕྲན་སྐོར་དེབ་གཅིག་བཅས་ཁྱོན་དེབ་དྲུག་གི་བདག་ཉིད་ཅན་འདི་ཉིད། ལན་ཇུ་སློབ་གྲྭ་ཆེན་མོའི་དགེ་རྒན་ངག་དབང་རྒྱ་མཚོ་མཆོག་གི་ཐུགས་ཁུར་རོགས་རིམ་ལ་བརྟེན་ནས། (国家社科重大项目“藏族民间苯教经书“莱坞四典四部广经”的分类整理及研究”阶段性成果,项目编号:15ZDB115。 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དངོས་སུ་དཔར་སྐྲུན་ཐུབ་ཡོད་ཅིང་དཔེ་རིན་དེབ་ཆ་ཚང་ལ་སྒོར་200ཡིན།   མི་རིང་བར་ཕྱོགས་གང་སར་འགྲེམ་སྤེལ་བྱ་འཆར་ཡོད་པས་རྒྱ་ཆེའི་ཀློག་པ་པོ་དགོས་མཁོ་ཡོད་མཁན་དག་གིས་དེ་ལུགས་སུ་ཐུགས་སྣང་གནང་བར་མཛོད།

3333333.jpg


འབྲེལ་ཡུལ།   

 

ནག་ཆུ་ལ།  བསྟན་པ་བཀྲ་ཤིས།

ཁ་པར་ཨང་གྲངས།  18889052888

སྟེང་ཆེན་ལ།  

ཁ་པར་ཨང་གྲངས། 18908958591   18989959734

ཁྲིན་ཏུའུ་ལ།

དགེ་བཤེས་བསྟན་པ

ཁ་པར་ཨང་གྲངས།  13982188985

 

  ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས།

                                           ༢༠༢༠//༡༣




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།