༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 6 ཚེས 6
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་ཉིད་སྐུ་སྐྱེ་བ་བཞེས་པའི་གནས་ཚུལ་མདོ་ཙམ་གླེང་བ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-02-13] [རྩོམ་པ་པོ།:འགྲུ་སྦྲ་ནག།] [གཟིགས་ཐེངས:]

1581569767597299.jpg


སྐྱེ་མཆོག་རིན་ཆེན་དམུ་ཡི་སེང་གེའི་གཡུལ།།

སྔ་རབ་འདས་པ་འགྲོ་འདྲེན་སྟོང་གི་ཚབ།།

ཤིང་ཕོ་བྱི་བའི་ཐོ་རང་མི་རུ་བཞེས།།

རྣམ་འདྲེན་བརྒྱད་པ་ཁྱེད་ལ་དད་ཕྱག་འཚལ།།

 

          ཞེས་མཆོད་བརྗོད་རིན་ཆེན་ཙག་པད་གྱིས་སྣ་དྲངས་ཏེ།། དེ་ནས་སྐུ་བལྟམས་པ་དགོངས་ཚད་ལྔ་ལ་བརྟེན་ནས་སྐུ་འཁྲུངས་པ་ནི།། ལོའི་རྒྱ་པོ་ཤིང་ཕོ་བྱི་བར་དགོངས། ཟླ་བའི་ཐོག་མ་དཔྱིད་ཟླ་ར་སྟག་བའི་ཟླ་བ་ལ་དགོངས། ཞག་གི་ཐོག་མ་ཚེས་པ་བཅོ་ལྔར་དགོངས། དུས་ཚོད་ཀྱི་ཐོག་མ་ཐོ་རང་ནམ་གསལ་བ་སོགས་ལ་དགོངས་ནས། རྒྱལ་བའི་བཞད་མ་ཆེན་མོ་ཡུམ་ཡོ་ཕྱི་རྒྱལ་བཞད་མའི་སྐུའི་མཆན་གཡས་པ་ནས་སྦུ་ཕྱེས་ཏེ་གཟུགས་སྐུ་མཚན་དཔེ་ལྷམ་མེར་བཞད་རེད་ཟེར་ནས་གསུངས་གི་ཡོད་པ་མ་ཟད་དེ་མ་ཐག་ཏུ།། ཚངས་པ་དང་། བརྒྱ་བྱིན་འོད་རྒྱལ་བ་གསུམ་གྱིས་ཕྱག་དར་དཀར་བཏེགས་ནས་རྟེན། དེ་ལ་སོགས་པའི་ལྷ་ཀླུ་གཉན་གསུམ་གྱིས་དགའ་བ་འབུམ་གྱིས་བསུས་ནས་དར་སྣ་ལྔ་དང་རིན་ཆེན་སྣ་ལྔ་སོགས་ཀྱི་མཆོད་པ་བསམ་གྱི་མི་ཁྱབ་བརྗོད་ཅིང་མི་ལང་པ་ལ་སོགས་ཕུལ་ནས་རྒྱལ་བུ་རིན་པོ་ཆེས་ཞལ། དེ་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་མ་རིག་པ་གཞོན་ནས་རིག་པའི་ཡེ་ཤེས་རྣམས་རྒྱུད་ལ་འུབ་ཆོད་དུ་སྐྱེས་ཡོད་པ་རེད།། རྒྱལ་བུས་གསུང་རེ་རེ་སྒྲོགས་ནས་སྒྲ་སྐད་ཐོས་པ་ཙམ་གྱིས་སེམས་ཅན་སོ་སོའི་སྡུག་བསྔལ་དྲག་པོའི་དབུག་ཕྱུང་བར་དེ་མཛད་མདོ་དྲི་མེད་གཟི་བརྗིད་དང་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ལ་སོགས་པའི་དཔེ་ཆ་མང་ཞིག་དག་པ་ནང་ལ་གསལ་ཡོད།། ཐོག་མར་སྐྱེ་བ་བཞེས་མཛད་པ་དེ་ཡང་མཛད་མདོ་དྲི་མེད་གཟི་བརྗིད་ལས།། མི་རྒྱུད་ལྷ་ལས་བབ་པ་དང་། གཟིགས་ཚད་དགོངས་ཚད་ཐུགས་ལ་བཀྲམས་པ་དང་སྐྱེ་བཞེས་རྒྱལ་སར་ཕྱུངས་དང་གནོན་པར་མཛད་ཅེས་གསུངས་འདུག། དང་པོ་རྒྱལ་བུ་ཉིད་མཚན་ལྟས་བརྟགས་པ་མཛད་དེ་ཡབ་རྒྱལ་པོ་ཐོད་དཀར་གྱིས། བྲམ་ཟེའི་བུ་གསལ་ཁྱབ་འོད་ལྡན་ལ།། ཁྱོད་ཀྱིས་རྒྱལ་བུ་འདིའི་མཚན་རྟགས་དགོས་ཞེས་གསུང་ནས་བཀའ་བརྩལ་པ་ལྟར།མཚན་མཁན་བྲ་ཟེ་ནས་ཞལ་མཐོང་བ་ཙམ་གྱིས་དད་པས་ཐུགས་རབ་ཏུ་མཉེས་ཏེ། གུས་པ་དང་བཅས་པའི་ངང་ནས་མཚན་བཟང་དཔེ་བྱད་རྣམས་ཞིབ་པར་བརྟག་པའི་ཚེ་རྒྱལ་བུ་ཉིད་རིན་ཆེན་དཔུང་པའི་ཁྲི་ལ་མངའ་གསོལ་ཏེ་མདུན་དུ་པུས་མོ་གཙུག་ཐལ་མོ་སྦྱར་ནས་དྲི་མེད་དར་དཀར་གྱིས་ན་བཟའ་མཛེས་པར་གསོལ་ཏེ་སྟེགས་བུར་བཞུགས།། མདུན་དུ་འབྲུ་དང་རིན་པོ་རིན་པོ་ཆེ་སྤུངས་པའི་སྟེང་དུ་དངུལ་དཀར་གྱི་མེ་ལོང་དང་། ཡིད་བཞིན་གྱི་ནོར་བུ་བཞག་ཕྱག་ན་ལྷ་མདའ་སྒྲོ་དཀར་གྱི་མགུལ་དུ་དར་དཀར་པོ་ཡུག་གཅིག་བཏཊ་པ་བསྣམས་ནས་ཡིད་ངོ་མཚར་དད་གུས་དང་དཔག་མེད་དང་བཅས་ཏེ་རྒྱལ་བུ་ཉིད་ལ་ཕུལ་ཡོད་པ་དེ་འདྲ་ཆགས་གི་འདུག། ངག་སྙན་པའི་སྒོ་ནས་སྨྲས་པ་ནི། ཨེ་མ་རྒྱལ་བུ་འདི་ནི་ངུས་གསུམ་བདེར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་རབ་ཏུ་འདུས་པའི་ངོ་བོ། སྔ་རབ་འདས་པའི་སངས་རྒྱས་རྣམས་ཀྱི་རྒྱལ་ཚབ། ད་ལྟ་བཞུགས་པའི་སངས་རྒྱས་ཀུན་གྱི་བོར་གྱུར་པ། བརྒྱ་བའི་མི་དང་མི་མཚུངས་པའི་སྐུ་ཚད་ཤིན་ཏུ་ཆེ་བ་ཡོད་པས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྒྱན་པ། ཆེ་བའི་ཡོན་ཏན་བརྒྱ་དང་བཞི་བཅུ། ངེས་པའི་ཐོ་ཡིག་བཞི་བཅུ་རྩ་ལྔ། ཚངས་དབྱངས་ཡན་ལག་དྲུག་བཅུ། མཁྱེན་པའི་ཡེ་ཤེས་དྲུག་བཅུ་རྩ་གཅིག། ཏིང་ངེ་འཛིན་གྱི་ཡན་ལག་བརྒྱ་དང་རྩ་ལྔ་འཁོར་འདས་ཡོངས་ཀྱི་དོན་མཛད་པ་ལ་འོད་ཟེར་གྱི་སྤྲོ་བསྡུའི་བདག་ཉིད་ཅན་ཞིག་སྐུ་འཁྲུངས་ནས་སྟོན་པ་རབ་དགུའི་ནང་ནས་བརྒྱད་པ་དེ་ཆགས་སྡད་པ་ཤེས་མོད་ཀྱང་འོན་ཀྱང་བྲམ་ཟེ་བདག་གི་ལྟ་ཅི།། ཕྱོགས་བཅུའི་རྒྱལ་བས་ཀྱང་བརྗོད་ཅི་མི་ལང་བས།སྐྱེས་བུ་ཆེན་པོ་འདི་ལ། སངས་རྒྱས་སྟོན་པ་གཤེན་རབ་མི་མཆོག་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་གསོལ་བའི་སྙན་པའི་གཏམ་གྱི་རོལ་མོ་ཀུན་ཏུ་འཁྲོལ་བའི། ཆེ་རྒུ་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོགས་པ་འགྱུར་ཏེ། ལྷ་ཀླུ་མི་ཡི་རྒྱལ་བོ་རྣམས་ཀྱིས་མཚན་མཁན་བྲམ་ཟེ་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་ཕུལ་བའོ། དེ་ནས་སྐུ་སྐྱེས་བ་བཞེས་པའི་ས་གནས་འོལ་མོ་ལུང་རིང་དེ་ང་ཚོའི་བན་བོན་མཁས་པ་རྣམས་ཀྱི་གསུངས་པ་ལྟར་མི་མཐུན་པ་མང་ཞིག་དག་པ་ཆགས་འདུག། དང་པོ་ང་ཚོ་བོན་གྱི་མཁས་གྲུབ་གཉིས་ལྡན་བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་མཛད་པའི་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ལས་གང་འདྲ་གསུངས་ཡོད་རེད་ཟེར་ན། དེ་ནས་བསྐལ་པ་བཟང་པོའི་ལུས་ཅན་མཐའ་དག་ཤམྦྡལའོལ་མོ་གླིང་དུ་མི་ཤོང་བ་ཙམ་འཚོགས་ནས་མི་མཆོག་རྣམ་པར་རྒྱལ་བས་བོན་འཁོར་བསྐོར་ས་འདྲ་བོ་གསུངས་ཡོང་དུ་དེས་འོལ་མོ་ལུང་རིང་དེ་ད་ཆར་གངས་ཏི་སེའི་གཡས་གཡོན་དུ་ཡིན་པ་འདྲ་བོ་བཤད་འདུག། མཁས་པ་ལ་ལ་གིས་གངས་ཏི་སེའི་གཡས་གཡོན་དུ་མ་རེད་ཟེར་གི་འདུག། དེ་ལ་མི་མཐུན་པ་མང་ཞིག་དག་པ་འདུག་པས་དཔྱད་པར་མཛོད་ཅིག།།  རྒྱང་མཐོང་ལས་གནམ་གྱི་ལྷ་དང་བར་གྱི་མི། འོག་གི་ཀླུ་རྣམས་འདིར་མཆིས་པས། འཇིག་རྟེན་གཙོ་བོ་རྣམ་འདྲེན་དཔལ། སངས་རྒྱས་ཞལ་ནི་ལྟ་བར་འཚལ། ཞེས་མགྲིན་གཅིག་ལྟར་བསྒྲགས་པས། རེ་བ་ཅི་བཞིན་འདོད་པ་འཇོ་བའི་ཡིད་བཞིན་དབང་གི་རྒྱལ་པོ་ལྟར་མཛད་དེ། རྒྱལ་ས་ཆེན་པོ་མཁར་བར་པོ་སོ་བརྒྱད་ཀྱི་ཕྱི་རོལ། གྲོང་ཁྱེར་ཡང་པ་ཅན་གྱི་དབུས་སུ། ཉི་ཟླ་རིས་གྱི་གུར་ཕུབ། འཇའ་ཚོན་རིས་ཀྱི་ཡོལ་བ་བྲིས་ནས། རིན་པོ་ཆེ་ཡི་ཁྲི་ལ་བཞུགས་ནས་བོན་འཁོར་བསྐོར་རེད་གསུངས་པ་ལྟར་ནས་སྟགས་ཞང་གཉིས་ཁ་ཚོན་ཆོད་དགོས་པ་ཞིག་སྣང་སོང་།། ད་ཡང་མཛད་མདོ་ལས། འཛམ་གླིང་སོ་ཁ་འོལ་མོའི་གླིང་ཆེན་དུ། དམུ་རིགས་རྒྱལ་བོའི་སྲས་སུ་སྐུ་འཁྲུངས་ནས། མཛད་པ་བཅུ་གཉིས་བཀོད་པ་རྣམ་པར་དག། དྲུག་ཅུ་རྩ་གཅིག་མཐའ་རུ་རྒྱས་པ་མཛད། ཅེས་གསུང་པ་ལྟར་དུ་སྣང་ན་ནི་སོག་ཁ་ཞེས་པ་དེ་ཞང་ཞུང་སྒོ་ཕུག་བར་དུ་རེད་ཟེར་ནས་ལབ་མཁན་འདུག།། དེ་ནི་ངོ་མཁས་དབང་རྣམ་ཐུགས་ཐག་མ་ཆོད་པ་ཞིག་ཆགས་བསྡད་ཡོད་རེད་འདུག་དེ་ནས་དེ་རིང་རག་ཙམ་གླེང་བ་དེ་ཡིན་ནོ།།


རྒྱལ་བའི་འཕྲིན་ལས་གསར་ཟེར་ཅན།།

སྔ་རིགས་བཀོད་པའི་པཎ་ཊྲི་ཏ།།

རྒྱས་པར་མཛད་དང་ལྷན་གཅིག་ཏུ།།

བློ་རྨོངས་བདག་འདྲར་སྣང་བར་འགྱུར།།

 1581569121885652.jpg

༢༠༢༠སྤྱི་ཟླ་༢པའི་ཚེས་པ༡༡་ཉིན་འགྲུ་སྦྲ་ནག་ནས་ཕུལ་བའོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།