༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 6 ཚེས 6
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཁྱུང་པོ་སྟེང་ཆེན་དགོན་དུ་མཉམ་མེད་འཁྲུངས་མཆོད་དང་གདུང་མཆོད་ཕུལ་བ་བཅས་ཀྱི་གསར་གནས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-02-29] [རྩོམ་པ་པོ།:སེང་ཚ།] [གཟིགས་ཐེངས:]

ཁྱུང་པོ་སྟེང་ཆེན་དགོན་དུ་མཉམ་མེད་འཁྲུངས་མཆོད་དང་

བཀའ་རམས་མཚན་བཏགས་དང་གྲུབ་ཆེན་

རིན་པོ་ཆེའི་གདུང་མཆོད་ཕུལ་བ་

བཅས་ཀྱི་གསར་གནས།

1582983742426567.jpg

     གཤེན་གྱི་འབྱུང་ལྡན་༣༠༡ལོའི་ཧོར་ཟླ་༡ཚེས་༥ཉིན་ཁྱུང་པོ་སྟེང་ཆེན་དགོན་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་ནས་འཛམ་གླིང་མཁས་པའི་གཙུག་རྒྱན་བོན་འབངས་འགྲོ་བ་ཡོངས་ཀྱི་མཆོད་སྡོང་། འཆད་རྩོད་རྩོམ་ལ་མངའ་དབང་འབྱོར་བའི་གཤེན་བསྟན་གསལ་བའི་བྱེད་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ་༦༦༤འཁོར་བའི་དུས་ཁྱད་པར་ཅན་ལ་སྲུང་བརྩི་དང་བཅས་འཁྲུངས་མཆོད་ཕུལ།  སྤྱིར་དེང་དུས་ས་ཕྱོགས་ཀུན་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་བྲེལ་བཞིན་པའི་དབང་གིས་མི་མང་འདུ་འཛོམས་ལ་བཀག་འགོག་ཆེ་སྟབས་འཁྲུངས་སྐར་ལ་སྲུང་བརྩི་དང་རྗེས་དྲན་གྱི་མཆོད་པ་ཙམ་ཕུལ་བ་སྟེ།

1582983819373284.jpg

1582983912175700.jpg

1582984143344211.jpg

     ཧོར་ཟླ་༡ཚེས་༣ཉིན་དཀྱིལ་འཁོར་བཅའ་བཀོད་དང་སྔོན་འགྲོ་སྟ་གོན་གྱི་རིམ་པ་སྔོན་དུ་བཏང་ནས།  ཚེས་༤ཉིན་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བདེར་གཤེགས་སྟོང་གི་མཚན་རྣམས་བརྗོད་དེ་དངོས་གཞིའི་གཞུང་བསྲངས། 

1582985187841153.jpg

     ཚེས་༥ཉིན་སྔར་གྱི་འཕྲོ་རྣམས་མཐར་ཆགས་སུ་བསྐྱངས་པ་དང་།  དགོན་འདིའི་ཁྲི་འཛིན་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་མཆོག་དང་སློབ་དཔོན་རྒྱལ་བ་བསྟན་འཛིན།  སྒྲུབ་མཁན་འཕགས་མཆོག་སེམས་དཔའ་གསུམ་དབུ་བཞུགས་ཐོག་མཁན་སློབ་དགེ་རྒན་རྣམས་ཀྱིས་ཁྱུང་པོ་སྟེང་ཆེན་དགོན་གྱི་ཐེངས་བདུན་པའི་བཀའ་རམས་པའི་མཚན་བཏགས་ད་ལོའི་རྫོགས་ཆེན་འཛིན་གྲྭའི་སློབ་མ་རྣམས་ལ་བསྩལ་བ་དང་འབྲེལ།  ཁྲི་འཛིན་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་བཀའ་རམས་པ་རྣམས་ལ་"ཕྱོགས་མཐར་ཡུལ་གྱི་དབང་གིས་བསྟན་པ་ཉག་ཕྲ་ས་དང་བླ་མ་སློབ་དཔོན་གྱི་འགྲོ་དོན་ཉུང་སར་གཟིགས་ནས་དཀའ་ཚེགས་ལ་མི་འཛེམས་པར་བསྟན་པ་སྤེལ་ནས་སེམས་ཅན་གྱི་དོན་བྱེད་དགོས་པ་"དང་"མི་ཚོར་ན་ཤི་དུར་གསུམ་གྱི་གོད་ཆག་ཡོང་དུས་ང་ཚོས་ངེས་པར་དུ་ལྷག་བསམ་ཟོལ་མེད་ངང་གཞན་ཕན་གྱི་བསམ་བློས་ཀུན་ནས་བསླངས་ཏེ་རྒྱུ་ངོ་ཆེ་ཆུང་མ་བལྟ་བར་ཁོ་ཚོར་རིས་མེད་མཉམ་སྙོམས་ཀྱི་ཕན་བཏགས་གང་ཐུབ་ལ་འབད་དགོས་པ་"དང་"གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་བཀའ་དང་བཀའ་བརྟེན་གསུང་འབུམ་དཔེ་ཚོགས་དག་བཞེངས་ཞུས་སྒྲིག་གི་ལས་གཞི་ལ་རྒྱབ་སྐྱོར་གང་ཐུབ་ཐུབ་གནང་དགོས་པ་"དང་"ལས་ཀ་གང་ལ་ཡང་ལས་ཕྱོད་དང་ཤུགས་རྐྱེན་ཆེ་བའི་དེང་དུས་དྲྭ་བའི་དུས་རབས་ལ་སླེབས་པའི་སྐབས་འདིར་ང་ཚོས་དྲྭ་བའི་ལམ་ནས་འཆད་པ་དང་རྩོམ་པ་སོགས་དྲྭ་བའི་རིག་གནས་དང་སྣ་མང་སྐད་ཡིག་འབད་བརྩོན་དགོས་པ་"སོགས་གནད་ལ་སྨིན་པའི་བཀའ་སློབ་མི་ཉུང་བར་གནང་།

1582984970516535.jpg

1582985004162760.jpg

     ཉིན་དེའི་དགོང་མོ་ཕྱག་ཚོད་༨ཐོག་ནུས་མང་གྲྭ་ཤག་ནང་དུ་སེར་སྐྱ་མི་དམངས་ནས་མར་མེའི་མཚན་མཆོད་རྒྱས་འབུལ་ཞུས་པ་དང་འབྲེལ་དད་གདུང་དྲག་པོས་"མཉམ་མེད་བླ་མ་རྒྱང་འབོད་"ངག་ནས་གྱེར་ཏེ་གཤེན་རབ་མཆོད་པའི་རྔ་བོ་ལྷང་ལྷང་དུ་བརྡུང་།

1582984574913438.jpg

1582984703233973.jpg

1582985064960114.jpg

1582984630945363.jpg

     ཚེས་༦ཉིན་གེ་ཁོད་དང་སྟག་ལ།  སྲིད་རྒྱལ་དང་གྲགས་སེང་སོགས་ཀྱི་ཚོགས་མཆོད་རྒྱས་འབུལ་ཞུས་ཐོག་དྲོ་གཞུང་ཕྱག་ཚོད་༢པར་ཁྲི་འཛིན་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་མཆོག་དང་སློབ་དཔོན་རྒྱལ་བ་བསྟན་འཛིན།  སྒྲུབ་མཁན་འཕགས་མཆོག་སེམས་དཔའ་གསུམ་དབུས་པའི་གྲྭ་མང་གིས་"མི་ཟས་སྤངས་པའི་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་"མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པར་གདུང་མཆོད་ཕུལ་བ་རེད།  དེ་ཡང་གྲུབ་ཆེན་གང་དེའི་སྐུ་པར་གཞི་མདུན་དུ་བཤམས་དར་ལེགས་པར་བྱས་ཏེ་བླ་མ་མཆོད་པ་དང་གྲུབ་ཆེན་བླ་མའི་གསོལ་འདེབས།  ཚེ་དབང་སྨོན་ལམ་དང་བོན་སྐུའི་སྨོན་ལམ་གཏི་མུག་གཉིད་དཀྲོག  ཤར་རྫའི་བླ་སྒྲུབ་བཅས་གདུང་ཤུགས་དྲག་པོས་ངག་ཏུ་གྱེར་བཞིན་གདུང་འདབས་མཆོད་པ་ཕུལ་བ་སོགས་ཀྱི་གནས་བསྡུས་སུ་སེང་ཚ་ནས།

                                ༢༠༢༠/༢/༢༩




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།