༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 6 ཚེས 6
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཚྭ་ནེ་དབེན་ཁྲོད་དུ་གདུང་མཆོད་ཕུལ་བ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2020-03-02] [རྩོམ་པ་པོ།:འགན་འཛིན་ཚན་ཆུང་ནས།] [གཟིགས་ཐེངས:]

1.jpg

    མིང་ཐོབ་དང་། འབྱོར་དངོས། སྙན་གྲགས་དང་། དགྲ་སྡང་ཡོད་ཚད་ཅི་མི་སྙམ་པར་མི་ཚེའི་སྒང་ནས་དོར་ཏེ། གཉུག་སེམས་ལ་ངར་ལྡུད། རྣལ་འབྱོར་པའི་སྒེར་གཤིས་ལྷང་ལ་ཕུད། ཉམ་ཐག་ས་དང་། འཁོས་ཞན་སར་ཁོ་ནར་སྙིང་རྗེའི་སྤྱན་གྱིས་གཟིགས། བརྟན་ཆགས་ཀྱི་སྒར་གཞིས་མ་བཟུང་པར། ཕྱོགས་ངེས་མེད་དུ་ཆིབས་བསྐྱོད་མཛད། ཁམས་ཀྱི་ཟས་བསྐྱུར་ནས་ཏིང་འཛིན་ཞལ་ཟས་ཀྱིས་འགྲངས་པར་གནང་། སྦྱིན་པའི་ཁུག་མ་དབུལ་ཕོངས་ཁོ་ན་ལ་སྤྲུགས། ལྷག་ཏུ་དམན་པའི་རིགས་དང་། ལྷག་ཏུ་བུད་མེད་རིགས་ཀྱི་ནུས་སྟོབས་གོང་འཕེལ་ཆེད་ཤེས་རབ་ཀྱི་སྦྱིན་པ་ཕངས་མེད་མཛད། ལྷག་ཏུ་འཁོས་ཆུང་དཔུང་དང་། ལྷག་ཏུ་འབྱོར་བས་ཕོངས་པའི་རིགས་ལ་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་གྱིས་ཕྱག་ལག་ཡངས་པར་མཛད། མདོར་ན་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་ཡོང་བའི་གླགས་མེད་པར། ཀུན་ཏུ་བཟང་པོའི་གནམ་སྒོ་ཧར་གྱིས་ཕྱེས་ནས་མི་ཚེའི་མཛད་པ་བསྡུས་པར་ངུ་ངག་གི་མཆི་མ་གཏོར་ན་མི་འོས་པས་དགེ་ཚོགས་ཀྱིས་གདུང་འདེབས་ཞུའོ།། 

44.jpg

  སྙིགས་མའི་དུས་འདིར་ཐོས་དོན་རང་རྒྱུད་ལ་སྦྱོར་བའི་གྲུབ་བརྒྱའི་གཙུག་གི་རྒྱན་གཅིག  ངེས་པ་དོན་གྱི་དཀའ་ཐུབ་པ་ཆེན་མོ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག  འདི་སྣང་སྐུ་ཡི་བཀོད་པ་ཞི་དབྱིངས་སུ་བསྡུས་པར་དགོངས་རྫོགས་མཆོད་པ་འདི་ལྟར་ཕུལ་བ་ལགས་ཏེ།  བཅུ་དཔོན་མཐུན་སྒྲིལ་གླིང་དང་ཚྭ་ནེ་དབེན་ཁྲོད་ཀྱི་དགེ་བཙུན་ཐུན་མོང་གིས་གཙོར་འཛིན་བྱས་ཐོག སྐྱ་སེར་མི་དམངས་ཡོངས་ཀྱིས་ཀྱང་བླ་མའི་ཐུགས་བཞེད་ཡོངས་སུ་འགྲུབ་པ་དང་། འགྲོ་ལ་སྨིན་པའི་དགེ་རྫོགས་ཚོགས་ཆེན་བསགས་པའི་ཆེད་དུ། གྲྭ་བཙུན་བོན་གསུམ་གྱིས་མདོ་གཡུང་དྲུང་རྒྱས་རྒྱས་པ་ཀློག་འདོན་བྱས་པ་དང་། ད་དུང་བདེར་གཤེགས་སྨོན་ལམ་མཐའ་ཡས་བཏོན་པར་མ་ཟད། སྐུ་གསུམ་རང་ཤར་གྱི་ཚོགས་བརྒྱ་ཕུལ་ཏེ་ཉིན་མ་གཉིས་ཀྱི་རིང་དུ་དགེ་ཚོགས་སྒྲིབ་སྦྱོང་གི་མཛད་རིམ་སྤམ་མཐོ་བ་བྱས་པའོ།།  དགེ་འདིས་བརྩེ་ཆེན་བླ་མ་དམ་པས་ཐུགས་རྗེ་ལྕགས་ཀྱུས་དམ་དུ་མི་ལྷོད་པར་འཁོར་བའི་སྲིད་མཚོར་བྱིངས་པའི་མ་རྣམས་བདེ་ཆེན་སྐམ་སར་འདྲེན་པའི་མཐུན་རྐྱེན་ཉག་གཅིག་ཏུ་འགྱུར་བར་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་པའོ།།  

22.jpg

33.jpg

55.jpg

666.jpg

777.jpg



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།