༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 6 ཚེས 6
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 6 བསྟོད་ཚིག
6 བསྟོད་ཚིག
ཁྱུང་ནག་བསམ་གཏན་གླིང་དགོན་ནས་གྲུབ་ཆེན་རིན་པོ་ཆེར་གདུང་མཆོད་ཕུལ་བ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2020-03-25] [རྩོམ་པ་པོ།:མེ་དཔུང་།] [གཟིགས་ཐེངས:]

1585118407363721.jpg

     ༧  གཤེན་གྱི་འབྱུང་ལྡན་༣༠༡་དང་གཅིག  སྤྱི་ལོ་༢༠༢༠/༣/༩/ བོད་ལྕགས་བྱི་ལོའི་བོད་ཟླ་ / ༡ / དང་པོའི་/༡༥/ ཚེས་ཀྱི་ཉ་ཆེན་བཅོ་ལྔ་ཉིན་མོར།  དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་བསམ་གཏན་དགེ་ལེགས་དང་།  མཁན་པོ་ཡེ་ཤེས་རབ་གསལ་རྣམ་གཉིས་གཙོས་པའི་བླ་མ་དགེ་བཤེས་འདུས་མང་གྲྭ་ཚང་ཡོངས་ཀྱིས་སྐྱོ་འབོད་མྱ་ངན་གྱིས་གདུང་སེམས་མཉམ་བསྐྱེད་བྱས་ཏེ།  གསས་ཁང་”བ་རབ་ཡོངས་འདུལ་”ནང་གྲུབ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་བ་རང་གྲོལ་མདུན་དུ་མཆོད་པ་རྣམ་ལྔ་དང་སྒྲོན་མེ་བརྒྱ་མཆོད་སོགས་དངོས་འབྱོར་ཡིད་སྤྲུལ་སོགས་ཀྱི་མཆོད་ཚོགས་གང་ཡོད་གྲལ་བསྟར་བཤམས་ནས།  

1585118627168381.jpg

1585118669675113.jpg

1585118701969546.jpg

1585118852329427.jpg

1585118802686899.jpg

     སྤྱིར་སངས་རྒྱས་གཡུང་དྲུང་བོན་སོགས་བསྟན་འགྲོ་གཉིས་ལ་བསམ་ན་གྱོང་གུད་ཕངས་སེམས་སྐྱེ་དགོས་པའི་གནས་ཚུལ་ཏེ།  སངས་རྒྱས་མི་གཟུགས་སུ་བྱོན་པ་དོན་གྱི་ས་གསུམ་ན་འགྲན་ཟླ་བྲལ་བའི་དྲང་སྲོང་དཀའ་ཐུབ་པ་འམ་ཉམས་རྟོགས་ཡོན་ཏན་གྱིས་བདེ་ཆེན་རྒྱལ་ས་སྔ་ནས་ཟིན་པའི་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག  ཉེ་ཆར་དགོངས་པ་ཞིང་ཁམས་གཞན་དུ་གཤེགས་ཤུལ་ནས་ཁྱུང་ནག་དགོན་གྱིས་གདུང་འདབས་མཆོད་འབུལ་གྱི་དགེ་ཚོགས་གང་ནུས་བསྐྱངས་ཏེ།  བླ་གྲྭ་བྱིངས་ཀྱིས་ཐོག་མར་གསོལ་འདེབས་སྐྱབས་སེམས་སོགས་ཀྱིས་གུས་མཆོད་སྔོན་དུ་བཏང་བ་དང་།  བོན་སྐུ་སྨོན་ལམ་སོགས་སྨོན་ལམ་དུ་མའི་གཞུང་བསྐྱངས་ཏེ་རིན་པོ་ཆེ་ཉིད་ཀྱི་བསྟན་འགྲོའི་མཛད་འཕྲིན་ཞིང་ཁམས་གཞན་དུ་བསྐྱང་ལ་འཕྲིན་ལས་རྣམ་བཞི་ཇི་བཞིན་རྒྱས་པའི་སྨོན་ལམ་དྲི་མེད་ཀྱིས་རྒྱས་གདབ་པ་དང་།  དད་དམ་ཡིད་ཆེས་གདུང་ཤུགས་དྲག་པོས་གསོལ་བ་བཏབས་ནས་རིན་པོ་ཆེའི་གསོལ་འདེབས་ལན་མང་མྱ་ངན་གྱིས་དབྱངས་སུ་གྱེར་བ་དང་།  བླ་གྲྭ་ཀུན་གྱིས་སྤོས་དང་མར་མེ་ལ་སོགས་མཆོད་པ་གང་འབྱོར་དུ་འབུལ་བཞིན་བླ་མའི་རྣལ་འབྱོར་སོགས་གསོལ་འདེབས་དུ་མ་གྲངས་སུ་དབྱངས་ནས་གདུང་སེམས་མཉམ་བསྐྱེད་བྱས་པའོ།།

     གང་གི་འབྲེལ་ཡོད་རྣམ་པར་གསལ་བཤད་ཞུ་རྒྱུ།  གདུང་འདབས་མཆོད་འབུལ་བྱས་ནས་ད་བར་གསལ་བརྡ་འདི་དྲྭ་ལམ་ལ་དུས་ཐོག་ཏུ་སྤེལ་རྒྱུ་མ་བྱུང་བ་དེ་ནི་ཉེ་ཆར་དུས་ཚོད་ཀྱི་རྐྱེན་པས་ད་བར་ཕྱི་འགྱངས་ཤོར་བྱུང་བས་དེ་རིང་སྤྱན་གཟིགས་ཚུལ་དུ་འདི་ནས་ཕུལ་བའོ།།       སྤྱི་ལོ་༢༠༢༠/༣/༢༥/ཉིན་བཀོད་པའོ།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།